༄༅། །དགེ་སློང་ཆོས་སྨྲ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ངག་ཐོར་བུ་བ་ཕྱོགས་གཅིག་ཏུ་སྒྲིགས་པ་ལས་ཚ་བསུར་ཡིད་ལ་འདོད་འཇོ་བཞུགས།། [001A] །ཨོཾ་གྲུབ་པར་གྱུར་ཅིག་འདིར་ཚ་བསུར་གཏོང་བར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར་ སྟོང་པའི་ངང་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་ཁ་སརྤཱ་ཎིར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པོཊ་ལ་ནས་བསྒོམས་ པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་ རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱ་ཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱརྱ་ལོ་ཀེ་ཤྭར་ས་པ་རི་ཝཱར་ཨརྒྷཾ། པཱ་ཏྱཾ། པུཥྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིཏྱ། ཤཔྟ་པྲ་ཏཱིཙྪ་ [002A]༄༅། །ཧཱུཾ་སཱཧཱ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། མགྲོན་སྤྱན་འདྲེན་པ་ནི། མཆོག་དང་ཐུན་མོང་མ་ལུས་སྩོལ་མཛད་པའི། ། དཀོན་མཆོག་སྲི་ཞུའི་མགྲོན་རྣམས་གཤེགས་སུ་གསོལ། །རྣལ་འབྱོར་བར་ཆད་མ་ལུས་སེལ་མཛད་པའི། །མགོན་པོ་ཡོན་ཏན་མགྲོན་རྣམས་། དུས་གསུམ་ཀུན་ཏུ་ཕ་མར་གྱུར་པ་ཡི། ། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་། སྡང་ཞིང་གདུག་པའི་སེམས་འཆང་མ་ལུས་པ། །གདོན་བགེགས་ལན་ཆགས་མགྲོན་རྣམས་། ཁྱད་པར་རྣམ་གསུམ་ཅི་རིགས་དྲིས་འཚོ་བའི། ། སྣ་ཚོགས་དྲི་ཟའི་མགྲོན་རྣམས་གཤེགས་སུ་གསོལ། ཞེས་སྤྱན་དྲངས། དེ་ནས་ཡིག་དྲུག་བརྒྱ་རྩའམ། མ་མཐའ་ལྔ་དྲུག་བཟླ། དེ་ནས་བསུར་རྣམས། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ ཝས་སྦྱངས། སྟོང་པའི་ངང་ལས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་ལ་བསུར་རྫས་རྣམས་བསྲེགས་པ་ལས་བྱུང་བའི་འདོད་ཡོན་ལྔ་ལྡན་གྱི་དྲི་ཕུན་སུམ་ཚོགས་པ་ས་དང་བར་སྣང་གི་ཁྱོན་ཐམས་ [002B] ཨོཾ་ཨཱ་ཧཱུཾ་ལན་གསུམ་བརྗོད་ལ་བྱིན་གྱིས་བརླབས། ན་མཿ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་བདུན་ནམ་གསུམ་གྱིས་བསྔོས། ཨོཾ་ཨརྒྷཾ་ནས། ཤཔྟ་པྲ་ཏཱི་ཙྪ་ ཧཱུཾ་སཱཧཱའི་བར་གྱིས་མཆོད། མ་ལུས་ཕྱོགས་ཀྱི་འཁོར་ལོ་ཀུན་གང་བའི། །འདོད་ཡོན་ལྔ་ལྡན་དྲི་ཡི་མཆོད་པ་འདི། །བསླུ་མེད་བླ་མ་ཡི་དམ་དཀོན་མཆོག་གསུམ། །འཁོར་དང་བཅས་ལ་འབུལ་ལོ་ལེགས་ བཞེས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། གཉིས་པ་ཡང་བསངས་སྦྱངས་ནས། ཤཔྟའི་བར་གྱིས་མཆོད། མ་ལུས་ཕྱོགས་ཀྱི་འཁོར་ལོ་ཀུན་ གང་བའི། །འདོད་ཡོན་ལྔ་ལྡན་དྲི་ཡི་མཆོད་པ་འདི། །ཆོས་སྲུངས་གནས་གསུམ་དཔའ་བོ་མཁའ་འགྲོ་དང། །བསྟན་ལ་རབ་དགའ་མཐུ་ལྡན་རྣམས་ལ་འབུལ། །བཞེས་ནས་བདག་གི་འགལ་རྐྱེན་ཀུན་སོལ་ལ། །བསམ་དོན་ཆོས་བཞིན་འགྲུབ་པའི་འཕྲིན་ལས་མཛོད། གསུམ་པ་མན་ལ་བསངས་སྦྱངས་བྱིན་གྱིས་བརླབས། སཾ་བྷ་ར་བདུན་གྱིས་བསྔོས། ཨརྒྷཾ་སོགས་ཀྱི་ཚ་བ་ལ། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་། དེ་བཞིན་གཤེགས་པ་ཐུགས་ [003A]༄༅། །འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མ་ལུས་། འདོད་ཡོན་ལྔ་ལྡན་། དུས་གསུམ་མ་གྱུར་སེམས་ཅན་ཐམས་ཅད་དང། །དྲི་ཟ་བར་དོའི་འགྲོ་བ་རྣམས་ལ་འབུལ། །འདོད་དགུས་ཚིམ་ ཞིང་སྡུག་བསྔལ་འཇིགས་སྐྲག་ལས། །ཡོངས་གྲོལ་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག་བཞི་པ་ཡང་བསངས་སྦྱངས་ནས། མཚན་གྱི་བར་བརྗོད། མ་ལུས་། འདོད་ཡོན་། གནོད་བྱེད་གདོན་བགེགས་རྣམས་དང་བུ་ལོན་ཅན། ། ལན་ཆགས་ཤ་འཁོན་གཉེར་བ་རྣམས་ལ་འབུལ། །བུ་ལོན་ལན་ཆགས་ཤ་འཁོན་མ་ལུས་དག་གནོད་སེམས་དང་བྲལ་བྱང་ཆུབ་སེམས་ལྡན་ཤོག་ལྔ་པ་ཡང་བསངས་སྦྱངས་ནས་མཚན་གྱི་བར་བརྗོད། མ་ལུས་། འདོད་ ཡོན་། དྲིས་འཚོའི་མགྲོན་དང་བསྟན་སྐྱོང་ཚེ་རིང་ལྔ། །ཡུལ་ལྷ་གཞི་བདག་ཇི་སྙེད་མཆིས་ལ་འབུལ། །བཞེས་ནས་རུ་ང་ཕྲག་དོག་མ་མཛད་པར། །མཐུན་རྐྱེན་སྟོང་གྲོགས་གནས་པོ་བཟང་པོ་མཛོད། ཅེས་འཕྲིན་ལས་ འཆོལ། དེ་ལྟར་ཟང་ཟིང་གི་སྦྱིན་པས་ཚིམ་པ་ལ། ཆོས་ཀྱི་སྦྱིན་པ་བྱ་སྟེ། སྐར་མ་རབ་རིབ་མར་མེ་དང། །སྒྱུ་མ་ཟིལ་པ་ཆུ་ལྦུར་དང། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ ཅད་རྒྱུ་ལས་བྱུང། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་ [003B] །འདི་ནི་སངས་རྒྱས་བསྟན་པ་ཡིན། ཅེས་ཆོས་བཤད་པས་རྒྱུད་གྲོལ་ནས་རང་རང་གི་གནས་སུ་སོང་བར་བསམས། བདག་གི་བསམས་པའི་སྟོབས་དག་དང། ཞེས་སོགས་དང། བསོད་ནམས་འདི་ཡིས་ཐམས་ཅད་ གཟིགས་པ་ཉིད། ཅེས་སོགས་བསྔོ་བ་སྨོན་ལམ་ཅི་རིགས་བྱའོ། །དེ་ལྟར་རྒྱུན་པའམ། དལ་སྐབས་ལྟ་བུར་བསུར་བསྔོས་ན། གནས་སྐབས་བར་ཆད་སེལ་ཞིང་བསམ་དོན་འགྲུབ། མཐར་ཐུག་ཚོགས་གཉིས་ཡོངས་སུ་མྱུར་ དུ་རྫོགས་ཏེ་འཚང་རྒྱ་བའི་ཕན་ཡོན་ཤིན་ཏུ་ཆེའོ། །སྨྲས་པ། མི་དམན་རྣམ་དཔྱོད་ཟླ་ཟེར་སྤུ་ལོང་གིས། །སྲིད་ཞིའི་མགྲོན་རྣམས་བཟང་པོའི་དྲི་གསུང་གིས། །མཉེས་པར་བྱེད་པའི་ཐབས་མཁས་ཀུ་མུ་ཏ། །འབྱེད་མཁས་བློ་བཟང་ ཆོས་ཀྱི་རྒྱལ་མཚན་ཡིན། །དགེ་བ་དེ་ཡང་འགྲོ་བའི་ཉེར་འཚོར་བསྔོ། །ཞེས་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཁང་དགའ་ལྡན་ཕོ་བྲང་དུ་སྨྲས་པའོ།། མངྒ་ལཾ།། ༈ །།ཨོཾ་སསྟི་ ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ།། །།སརྦ་ཛ་ག་ཏཾ། །